這是讓任何人都可以學習到佛法的網站

The Cyber Dharma teaching is for everybody learning Dharma on Cyber.

這是讓任何人都可以學習到佛法的網站

Saturday, April 2, 2011

Dedication Prayers

༄༅། །གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ།། 於此雪嶺所繞國土中 ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། 一切利益安樂之生處 སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡིས།། 津玾措觀自在菩薩 ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག ། 願其常住直至生死盡 ༄༅།། སྡིག་པ་ཅི་ཡང་མི་བྱ་ཞིང༌།། 任何最惡皆不作 དགེ་བ་ཕུན་སུམ་ཚོགས་པར་སྤྱད།། 圓滿善業盡奉行 རང་གི་སེམས་ནི་ཡོངས་སུ་འདུལ།། 自心己意遍調伏 འདི་ནི་སངས་རྒྱས་བསྟན་པ་ཡིན།། 此乃佛陀之教法 ༄༅།།ས་སོགས་འབྱུང་བ་ཆེན་པོ་དང༌།། 願如地等四大種, ནམ་མཁའ་བཞིན་དུ་རྟག་པར་ཡང༌།། 亦如虛空常無盡 སེམས་ཅན་དཔག་ཏུ་མེད་པ་ཡི།། 有情種類多無量, རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག ། 悉能為彼俱 ༄༅། །སེམས་ཅན་འདི་དག་ཐམས་ཅད་ནི།། 願彼一切諸有情 ཚེ་ཡང་དཔག་མེད་རིང་བར་ཤོག ། 壽量綿長終無盡 རྟག་ཏུ་བདེ་བར་འཚོ་འགྱུར་ཞིང༌།། 恆常享受諸安樂 འཆི་བའི་སྒྲ་ཡང་གྲགས་མ་གྱུར།། 死字言聲亦不聞

No comments:

Post a Comment